我院举办第四届“金钥匙”知识竞赛
为了以赛促学 以学促用,用知识竞赛营造学习氛围、巩固学习成果、检验学习成效。甘肃中医药大学藏医学院于2019年11月16日在藏医学院多功能厅内举办了第四届“金钥匙”知识竞赛。
主持人
评委
竞赛共分四个环节,个人必答环节,转答环节,辩药环节和风险题环节,同学正确的回答、严谨的表述,彰显了藏医学院学子们扎实深厚的理论知识、昂扬向上的奋进姿态、团结协作的团队精神。
抽题
答题
点评
本次知识竞赛共有7支代表队参赛。竞赛内容除藏医药基础,还涵盖藏医学史、藏医临床知识、藏药学、藏医护理等内容。7支队伍,在活动中积极参与互动,现场气氛热烈,在风险题环节将气氛推向高潮。经过比赛,17藏药获得一等奖,16藏药获得二等奖,18本科2班获得三等奖,17本科1班获得优秀奖。
获奖班级
个人优秀奖
合影
青年强则国强,青年智则国智。这次比赛赛出了精神,赛出了水平,展现了藏医学院各班级的风采,今天学子们以藏医学院为荣,将来藏医学院因学子们为傲。
༄༅།། ཀན་སུའུ་ཀྲུང་དབྱི་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་སྐབས་བཞི་བའི་གསེར་གྱི་ལྡེ་མིག་ཅེས་པའི་
ཤེས་བྱའི་འགྲན་སྡུར།
ཤེས་བྱའི་ཟེགས་མ་རྡུལ་དུ་བརྩེགས་པར་བློ་རིག་གི་མེ་སྟག་མཆེད་པའི་སློབ་བུ་ཚོའི་ཤེས་འདོད་ཀྱི་སྐོམ་སྲེད་ཇེ་ཆེར་དང་། རྟོགས་མོས་ཀྱི་རྣམ་དཔྱོད་ཇེ་ཡངས་སུ་གཏོང་ཆེད་དུ་༢༠༡༩ལོའི་སྤྱི་ཟླ་༡༡པའི་ཚེས་༡༦ཉིན། རང་སློབ་གྲྭའི་སྣ་འཛོམས་ཐོག་ཁང་དུ་ཀན་སུའུ་ཀྲུང་དབྱི་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་སྐབས་བཞི་བའི་༼གསེར་གྱི་ལྡེ་མིག༽ཅེས་པའི་ཤེས་བྱའི་འགྲན་སྡུར་སྤེལ།
འགྲན་སྡུར་འགོ་མ་བརྩམས་པའི་སྔོན་དུ་ཚོགས་ཞུགས་དགེ་སློབ་ཡོངས་ཀྱིས་གསོ་བ་རིག་པའི་བསྟན་པ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་ཆེད་གསོ་རིག་བསྟན་པ་རྒྱས་པའི་སྨོན་ལམ་ཚར་གཅིག་ཚོགས་འདོན་བྱས།
འགྲན་སྡུར་གྱི་གོ་རིམ་ལ་ངེས་འདེབས་འདྲི་གཞི་དང་། སྐོར་འདེབས་འདྲི་གཞི། སྨན་སྣ་ངོས་འཛིན། དཀའ་གནད་འདྲི་གཞི་བཅས་རྣམ་པ་བཞི་རུ་བགར་ཡོད་པ་དང་། འདྲི་གཞིའི་ནང་དོན་ལ་བོད་སྨན་རྨང་གཞིའི་སྐོར་དང་། ནད་ཐོག་གི་སྐོར། སྨན་རྫས་ཀྱི་སྐོར། གསོ་རིག་ལོ་རྒྱུས་ཀྱི་སྐོར་བཅས་དྲི་གཞིའི་ཁྱབ་ཁོངས་རྒྱ་ཆེ་ལ་གཏིང་ཟབ་ཅིང་། འགྲན་ཞུགས་ཚོགས་མིར་ཡང་སྤོབས་པ་ཆེ་ཞིང་སྨྲ་ལྕེ་དག་ལ། བློ་རིག་རྒོད་ཅིང་རྣམ་དཔྱོད་ལེགས་པས་དྲིས་ལན་ཡང་དག་འདེབས་ཐུབ་པ་མ་ཟད། སྨན་སྣ་ངོས་འཛིན་ལས་དབྱར་ཁ་དང་སྟོན་ཁའི་སྨན་སྣ་ངོ་སྟོན་གྱི་གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་འདུག དཀའ་གནད་དྲི་གཞི་ནི་གཉེན་ཁའི་དྲི་གཞི་ཞིག་ཀྱང་རེད་དེ་ལན་ཐོབ་ན་དགའ་བའི་འཛུམ་ཆུང་གྱི་ལེར་དང་། ལན་མ་ཐོབ་ན་ཕངས་སེམས་གྱི་མགོ་བོ་དུད་དུ་འཇུག་ནུས།
འགྲན་སྡུར་གྱི་རྗེས་ལ་དཔྱད་འདེམས་པ་རྒན་མགོན་པོ་སྐྱབས་ལགས་ཀྱིས་ཐེངས་འདིའི་འགྲན་སྡུར་གྱི་ལེགས་ཆ་དང་མ་འདང་པའི་ཆ་རྣམས་ཕྱོགས་སྡོམ་བྱས་ཤིང་། སློབ་སྟོན་ཁང་གི་ཀྲུའུ་རིན་བཱང་ཕེན་ཡོན་དང་། སློབ་མའི་དོ་དམ་ཁང་གི་ཀྲུའུ་རིན་ལིས་ཡན་ཏུང་གཉིས་ཀྱི་གསུངས་གསེར་གནག་གི་བདུད་རྩིས་ཐེངས་འདིའི་འགྲན་བསྡུར་ལ་རྫོགས་ཚིག་བྲིས་སོ།།
སླར་བོད་ཀྱི་གསོ་བ་རིག་པ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་སྨོན་འདུན་དང་ཆབ་ཅིག ༢༠༡༦ལོའི་བོད་སྨན་དངོས་གཞི་འཛིན་གྲྭས་དཀའ་མོའི་ཚེགས་དང་དཀོན་མོའི་རྒྱུ་ལ་མ་འཛེམ་པར་ཐེངས་འདིའི་འགྲན་སྡུར་གྱི་འགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པ་ཞིག་བསྡུས་པར་ལག་ཟུང་ཐལ་མོ་སྦྱར་ཏེ་བཀའ་དྲིན་ཞུ་ཞུ།
版权所有 Copyright(C)2016-2021 甘南藏族自治州卫生学校 陇ICP备16002830号-2
公安部备案:62300102000079
地址:甘南藏族自治州合作市人民东街52号 电话:0931—8212947 邮编:747000