甘肃中医药大学藏医学院2020届硕士研究生论文答辩圆满收官
2020年6月23日下午4点,甘肃中医药大学藏医学院在学术报告厅举行2020届民族医学(藏医学)硕士研究生毕业论文答辩会,本届民族医学(藏医学)硕士毕业生羊措吉与才华加顺利通过毕业论文答辩。
本届研究生导师拉毛加博士到会指导,答辩委员会专家有甘南州藏医院主任医师贡保加博士、甘肃中医药大学副教授杨乐、甘南州藏医院主任医师尕藏久美、甘南州藏医院主任医师耿登加措、甘肃中医药大学藏医学院加羊加措博士。参加会议的人员还有藏医学院的广大师生约二百余人。
硕士生导师拉毛加博士
答辩委员会专家与到会师生代表
硕士毕业生羊措吉
会议由贡保加博士主持,由专家介绍、敬献哈达、毕业生答辩和专家评议组成。毕业生羊措吉和才华加分别以“高原地区常见疾病的藏医治疗进展研究”和“藏医五味甘露药浴疗法在安多地区的发展及特点研究”的选题目的和研究背景、研究方法、研究结果等做了报告。之后专家分别发言,从选题到毕业设计一致获得专家好评。最后,在轻松愉快的氛围下合照留影。
两位硕士研究生与答辩委员会专家合影
两位硕士研究生和与会老师合影
两位硕士研究生与导师拉毛加合影
འབྲས་བཟང་སྨིན་པ།
_ཤེས་རམས་ཞིབ་འཇུག་སློབ་མའི་བསླབ་གནས་དཔྱད་རྩོམ་དམ་བཅའ།
ཀན་སུའུ་ཀྲུང་དབྱི་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་འགོ་ཁྲིད་རྣམ་པའི་ཐུགས་ཁུར་དང་རྒྱབ་སྐྱོར། མཛུབ་སྟོན་དགེ་རྒན་ལྷ་མོ་སྐྱབས་ལགས་ཀྱི་ལོ་ངོ་གསུམ་རིང་གི་གསོ་སྐྱོང་འོག་སྤྱི་ལོ༢༠༢༠ལོའི་ཟླ༦པའི་ཚེས་༢༣ཉིན་གྱི་ཕྱི་དྲོ་ཆུ་ཚོད་༡༦སྟེང་སློབ་གླིང་གི་རིག་གཞུང་ཚོམས་ཆེན་ནས་ཤེས་རམས་ཞིབ་འཇུག་སློབ་མའི་བསླབ་གནས་དཔྱད་རྩོམ་དམ་བཅའི་ཚོགས་འདུ་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་ཐོག་ཏུ་ཀན་ལྷོ་ཁུལ་བོད་སྨན་ཁང་གི་སྨན་པ་ཆེན་མོ་དང་འབུམ་རམས་པ་མགོན་པོ་སྐྱབས་ལགས་དང་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་གཡང་ལོ་ལགས། ཀན་ལྷོ་ཁུལ་བོད་སྨན་ཁང་གི་སྨན་པ་ཆེན་མོ་སྐལ་བཟང་འཇིགས་མེད་ལགས། ཀན་ལྷོ་ཁུལ་བོད་སྨན་ཁང་གི་སྨན་པ་ཆེན་མོ་དགེ་འདུན་རྒྱ་མཚོ་ལགས། བོད་ལུགས་གསོ་རིག་སློབ་གླིང་གི་འབུམ་རམས་པ་དགེ་རྒན་འཇམ་དབྱངས་རྒྱ་མཚོ་ལགས་བཅས་བོད་ལུགས་གསོ་རིག་གི་ཆེད་མཁས་པ་ལྔ་གདན་འདྲེན་དང་གཞན་སློབ་གླིང་གི་དགེ་སློབ་གཉིས་བརྒྱ་ལྷག་ཟབ་ཞུགས་བྱས་ལ། སྨན་པ་ཆེན་མོ་མགོན་པོ་སྐྱབས་ལགས་ཀྱི་གཙོ་སྐྱོང་འོག་ཀན་སུའུ་ཀྲུང་དབྱི་སློབ་ཆེན་མི་རིགས་གསོ་རིག་ཚན་ཁག་གི་༢༠༢༠ལོའི་ཤེས་རམས་ཞིབ་འཇུག་སློབ་མ་གཡང་འཚོ་སྐྱིད་ཀྱིས་རྒྱུན་མཐོང་ནད་རིགས་ཁག་གཅིག་ལ་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་གསོ་བཅས་འཚོལ་བསྡུ་དང་བསྔོག་འདོན། སློབ་མ་ཚེ་དཔག་སྐྱབས་ཀྱིས་མདོ་སྨད་ཡུལ་དུ་བདུད་རྩི་ལྔ་ལུམས་དར་འཕེལ་གྱི་བརྒྱུད་རིམ་དང་དེའི་ཁྱད་ཆོས་ཞིབ་འཇུག་ཞེས་པའི་ཁ་ཕྱོགས་སྟེང་ནས་བསླབ་གནས་དཔྱད་རྩོམ་གྱི་དམ་བཅའ་བཞག་པ་དང་།ཆེད་མཁས་པ་རྣམས་ཀྱིས་སློབ་མ་གཉིས་ཀྱི་ཞིབ་འཇུག་གི་དམིགས་ཡུལ་དང་ཁ་ཕྱོགས།ནང་དོན་དང་ཐབས་ལམ་སོགས་ཕྱོགས་གང་ཅིའི་ཐད་ནས་སྲོལ་རྒྱུན་གྱི་དྲི་མ་མ་ཡལ་ཞིང་དེང་རབས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད་ནད་ཐོག་ལག་ལེན་གྱི་རིན་ཐང་ཆེན་པོ་ལྡན་པས་རྗེས་ཕྱོགས་མུ་མཐུད་དུ་འབད་པ་གནང་དགོས་པའི་གདེངས་འཇོག་གནང་ཞིང་། མཉམ་པར་བསྒྲོན་པ་དང་བཅས་ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྒྲིལ་བའོ།
版权所有 Copyright(C)2016-2021 甘南藏族自治州卫生学校 陇ICP备16002830号-1
公安部备案:62300102000079
地址:甘南藏族自治州合作市人民东街52号 电话:0931—8212947 邮编:747000