考核办法
ཞིབ་བཤེར་བྱེད་ཐབས།
དཀྱིལ་རྒྱུགས་ཀྱིས་སྡོམ་སྐར་༡༠%ཟིན།
རྒྱུན་སྐར་༼ལས་བྱ་དང་སློབ་ཁྲིད་ལ་ཞུགས་ཚད༽གྱིས་སྡོམ་སྐར་༡༠%ཟིན།
བློར་འཛིན་གྱིས་སྡོམ་སྐར་གྱི་༤༠%ཟིན།
མཇུག་རྒྱུགས་ཀྱིས་སྡོམ་སྐར་གྱི་༤༠%ཟིན།
考试大纲
རྒྱུགས་གཞིའི་རྩ་གནད།
དང་པོ། ཁྲིད་སྟོན་བསམ་བློ་དང་གཞི་འཛིན་ས།
༡ ཁྲིད་སྟོན་བསམ་བློ།
འདྲ་མཉམ་དང་ཡང་དག་པའི་སྒོ་ནས་བོད་གསོ་ཆེད་ལས་དངོས་ཚན་སློབ་མའི་གྲུབ་པ་ལུས་ཀྱི་རྒྱུགས་འབྲས་དང་། གནད་དོན་ལ་དབྱེ་ཞིབ་དང་གནད་དོན་ཐག་གཅོད་པའི་ནུས་བ་མངོན་པར་མཚོན་པ་དང་། སློབ་ཁྲིད་སྤུས་ཀ་མཐོ་རུ་འདེགས་པ། གྲུབ་པ་ལུས་ཀྱི་སློབ་ཁྲིད་ཕྱོགས་ཡོངས་ནས་བཅོས་བསྒྱུར་བྱེད་ཆེད། ཚད་ལྡན་རྒྱུགས་གཞི་ལག་ལེན་དུ་བསྟར་ནས། སློབ་མར་གྲུབ་པ་ལུས་ཀྱི་བསླབ་འབྲས་རྒྱུགས་ལེན་རྒྱུ་དེའོ།།
༢ གཞི་འཛིན་ས།
༼༡༽ དངོས་ཚན་སློབ་མའི་གྲུབ་པ་ལུས་ཀྱི་སློབ་དེབ།
༼༢༽ གྲུབ་པ་ལུས་ཀྱི་སློབ་ཁྲིད་རྩ་གནད།
གཉིས་པ། རྒྱུགས་ལེན་ཡུལ།
བོད་ལུགས་གསོ་རིག་གི་དངོས་ཚན་སློབ་མ།
གསུམ་པ། རྒྱུགས་ལེན་བྱ།
རྒྱུགས་འདིས་བོད་གསོ་ཆེད་ལས་དངོས་ཚན་སློབ་མའི་གྲུབ་པ་ལུས་ཀྱི་རྒྱུགས་འབྲས་ཀྱི་བསླབ་འབྲས་ཀྱི་ཚད་ལེན་པ་ཞིག་ཡིན།
རྒྱུགས་ལེན་བྱ་ལ་དབྱེ་ན།
A.རྩ་ཚིག་བློར་འཛིན་པ།
B.བློར་ངེས་དགོས་པ།
C.བྱང་ཆུབ་དགོས་པ།
D.དབྱེ་ཞིབ་དང་ཕྱོགས་བསྡུས།
གོང་གི་རིམ་པ་བཞི་བོ་དེ་དམའ་རིམ་ནས་རིམ་བཞིན་མཐོ་རིམ་དུ་བརྩི་བ་ཡིན་ལ། རིམ་པ་སོ་སོའི་ཁྱད་ཆོས་ནི།
A.རྩ་ཚིག་བློར་འཛིན་པ།
༼༡༽ བློར་འཛིན་པ་ནི་བོད་ལུགས་གསོ་རིག་སློབ་སྦྱོང་བྱེད་པའི་རྒྱུད་རིམ་གལ་ཆེན་ཞིག་ཡིན་པས་རྩ་ཚིག་ངེས་པར་དུ་བློར་འཛིན་དགོས།
༼༢༽ འགྲེལ་བ་ཁག་ལས་གཙོ་གནད་ཀྱི་སྐོར་གྱི་བློར་འཛིན་དགོས།
B. བློར་ངེས་དགོས་པ།
གྲུབ་པ་ལུས་ཀྱི་རྩ་བའི་ཤེས་བྱ་ཡང་དག་པའི་ཤེས་རྟོགས་ཡོད་དགོས་པ་མ་ཟད། རྒྱུད་འགྲེལ་ཁག་ལས་འགྲེལ་སྟངས་མི་འདྲ་བ་རྣམས་བློར་ངེས་དགོས།
C. བྱང་ཆུབ་དགོས་པ།
༼༡༽ སློབ་དེབ་དུ་བཀོད་པའི་འགྲེལ་བ་བྱང་ཆུབ་དགོས་པ།
༼༢༽ རྒྱུད་འགྲེལ་ཁག་ལས་འགྲེལ་སྟངས་མི་འདྲ་བ་རྣམས་བྱང་ཆུབ་དགོས།
D. དབྱེ་ཞིབ་དང་ཕྱོགས་བསྡུས།
༼༡༽ རྒྱུད་འགྲེལ་ཁག་ལས་འགྲེལ་སྟངས་མི་འདྲ་བར་དབྱེ་ཞིབ་དང་ཕྱོགས་བསྡུས་བྱེད་དགོས།
༼༢༽ སློབ་ཚན་འདིའི་གཞུང་ལུགས་ཀྱི་སྤྱི་ཁོག་ལ་བརྟེན་ནས་བོད་ལུགས་གསོ་རིག་རྨང་གཞིའི་གཞུང་ལུགས་བརྟན་པོ་ཆགས་པ་བྱེད་དགོས།
བཞི་བ། རྒྱུགས་ལེན་ཐབས་དང་རྒྱུགས་གཞིའི་གྲུབ་ཚུལ།
༡ རྒྱུགས་ལེན་ཐབས།
༼༡༽ བློར་རྒྱུགས་ལེན་པ།
༼༢༽ ཡིག་རྒྱུགས་ཀྱི་ཐབས་སྤྱོད་པ་དང་རྒྱུགས་ཤོག་རེའི་རྒྱུགས་ལེན་ཡུན་དུས་ཚོད་གཉིས་ཡིན།
༢ རྒྱུགས་གཞིའི་གྲུབ་ཚུལ།
རྒྱུགས་གཞི་རེར་སྐར༡༠༠དང་། རྒྱུགས་གཞི་སོ་སོར་རང་སྟོབས་ཀྱི་ནུས་པ་འདོན་རྒྱུགས་དང་རྨང་གཞི་ཤེས་བྱའི་རྒྱུགས་བཅས་གཉིས་རེ་ཡོད། རྨང་གཞི་ཤེས་བྱའི་རྒྱུགས༼འདིར་མིང་འགྲེལ་དང་དྲི་བ་དྲིས་ལན། ཁ་སྐོང་། གདམ་གསེས་སོགས་འདུ༽སློབ་མའི་གྲུབ་པ་ལུས་ཀྱི་རྩ་བའི་ཤེས་བྱ་ཤེས་རྟོགས་བྱུང་ཡོད་ཚད་ཇི་འདྲ་ཡིན་པ་དང་། ཁོང་དུ་ཆུད་ཚད་ཇི་འདྲ་ཡིན་བཅས་ཀྱི་ཚད་ལེན་པའོ།། འདིར་སྐར༧༠ཡོད། རང་སྟོབས་ནུས་འདོན་གྱི་ནུས་པ་འདོན་པའི་རྒྱུགས། ༼འདིར་བརྡར་ཤ་གཅོད་པ་དང་རྩ་ཚིག་དབྱེ་ཞིབ་བྱེད་པ༽འདིར་སློབ་མའི་རྩ་བའི་ཤེས་བྱ་དང་དབྱེ་ཞིབ་དང་ཐག་གཅོད་ནུས་པ། གཏན་ཚིགས་ཀྱི་རིགས་འདེད་ནུས་པ་བཅས་ཕྱོགས་བསྡུས་ཀྱིས་བཀོལ་བའི་ཚད་ལེན་པའོ།། འདིར་སྐར༣༠ཡོད།
版权所有 Copyright(C)2016-2021 甘南藏族自治州卫生学校 陇ICP备16002830号-2
公安部备案:62300102000079
地址:甘南藏族自治州合作市人民东街52号 电话:0931—8212947 邮编:747000